RIM IN BRIEF 2018

རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ ༢༠༡༨།

རྒྱབ་ཁུངས།

རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་བཀའ་རྒྱ་ཟབ་མོ་དང་འཁྲིལ་ རྒྱལ་ཁབ་ནང་གལ་ཆེ་བའི་སློབ་སྦྱོང་སྤེེལ་ཁང་ཅིག་སྒོ་ཕྱེས་ཞིནམ་ལས་ བདག་སྐྱོང་དང་འཛིན་སྐྱོང་གི་སྦྱོང་བརྡར་བྱིན་ཏེ་ གཞུང་སྒེར་གཉིས་ཆ་རའི་ནང་ འཛིན་སྐྱོང་གི་ལྕོགས་གྲུབ་ལྡན་པའི་མི་སྟོབས་ཡར་རྒྱས་གཏང་ནི་གི་དོན་ལུ་ སྤྱི་ལོ་ ༡༩༨༦ ལུ་གཞི་ བཙུགས་མཛད་གནང་ནུག། སློབ་སྡེ་འདི་ སྤྱི་ལོ་ ༡༩༩༠ ལུ་ མི་དབང་མངའ་ཞབས་ཀྱི་བཀའ་ཤོག་དང་འཁྲིལ་ཏེ་ རང་སྐྱོང་ལས་སྡེ་སྦེ་བཟོ་གནང་ཡོདཔ་ཨིན། སློབ་སྡེ་འདི་ ད་ལྟོ་ཡོད་པའི་ས་གནས་ལུ་ སྤྱི་ལོ་ ༡༩༩༦ ལུ་སྤོ་ཡོདཔ་ཨིན། ཁྲི་འཛིན་གྱིིས་དབུ་གཙོས་པའི་ སློབ་སྡེའི་བཀོད་ཚོགས་འདི་ ཆེ་མཐོའི་བདག་སྐྱོང་གི་ དབང་འཛིན་ཨིན་རུང་ ཉིན་བསྟར་བཞིན་དུའི་ བདག་སྐྱོང་དང་འཛིན་སྐྱོང་གི་ལཱ་འགན་ཚུ་ སློབ་སྡེའི་ ཡོངས་ཁྱབ་མདོ་ཆེན་གྱི་ དབུ་ཁྲིད་བཟང་པོའི་འོག་ལུ་ ཕྱག་ལཱ་གནང་དོ་ཡོདཔ་ཨིན།

འཆར་སྣང།

འཛིན་སྐྱོང་དང་བདག་སྐྱོང་གི་དོན་ལུ་ ཤེས་ཡོན་དང་ སྦྱོང་བརྡར་ ཞིབ་འཚོལ་གྱིི་ཞབས་ཏོག་གི་ལྟེ་བ་དྲག་ཤོས་ཅིག་སྦེ་ དམིགས་པ་ བསྐྱེདཔ་ཨིན།

དམིགས་དོན།

༡. བཀོད་དཔོན་དང་ཁྱད་རིག་སྡེ་ཚན་གྱིི་འགོ་དཔོན་ཚུ་ལུ་མཁོ་བའི་ འགོ་ཐོག་དང་གཡོག་ཐོག་གི་སློབ་སྦྱོང་ཚུ་བྱིན་ནི་ཨིན།

༢. འཛིན་སྐྱོང་དང་བདག་སྐྱོང་གཞན་ཡང་སྦྱོང་བརྡར་ཚུ་ནང་ ཞིབ་འཚོལ་འགོ་འདྲེན་འཐབ་ནི།

༣. སྤྱིར་གཏང་གཞུང་གཡོགཔ་དང་སྒེར་སྡེ་ཚུ་ལུ་གྲོོས་སྟོན་དང་བསླབ་ སྟོན་སྦྱོང་བརྡར་གྱིི་ཞབས་ཏོག་ཚུ་རྒྱུན་ཆད་མེད་པར་བྱིན་ནི།

སྙིང་བཅུད། / བརྩི་མཐོང་།

. ཁྱད་འཕགས། ང་བཅས་རའི་ ཁྱད་རིག་གི་ལཱ་ག་ར་ གནས་ཚད་མཐོ་དྲག་སྦེ་ བཞག་ནིའི་ དོན་ལུ་ རྩ་འགེངས་གེ།

. སྒྲིག་ཁྲིམས། ང་བཅས་ཀྱིས་ ཕྱི་ནང་གཉིས་ཀྱི་འབྲེལ་བ་ག་ཏེ་འཐབ་རུང་ སློབ་སྡེའི་མིང་ གཏམ་ཡར་སེང་བཞག་ནི་དང་ སློབ་སྡེ་དང་རྩ་བ་གསུམ་གྱི་ཐ་དམ་ཚིག་ལུ་ གཡོ་སྒྱུ་མེདཔ་ ཅིག་སྦེ་འབད་གེ།

. གསར་བཏོད། ང་བཅས་ཀྱིས་ གསར་བཏོད་དང་གསར་བསྐྲུན་ཚུ་ ཡར་རྒྱས་གཏང་སྟེ་ སློབ་ སྡེ་དང་རྒྱལ་ཁབ་ཀྱི་ཐུགས་འདོད་བསྒྲུབ་གེ།

. མཉམ་འབྲེལ། ང་བཅས་གེ་ར་ སློབ་སྡེ་འདི་གི་བཟའ་ཚང་ཨིནམ་ལས་ རིག་པ་རྣམ་དཔྱོ ད་ སྟོན་ཏེ་ མཉམ་རུབ་ཀྱི་ཐོག་ལས་གྲུབ་འབྲས་བཏོན་གེ།

. འགན་ཁྲི། སློབ་སྡེའི་སྒྲིག་ཁྲིམས་དང་འགལ་བའི་ལཱ་འབད་ནི་ལས་འཛེམ་སྟེ་ ཁ་དང་ལགཔ་ རྟགས་མཐུནཔ་སྦེ་འགན་ཁུར་འབག་གེ།

. དྭངས་གསལ། བློ་གཏད་དང་ཡིད་ཆེས་ཡོད་པའི་ལས་ཚོགས་དང་ལམ་སྲོལ་འདི་ལུ་ ཤུགས་ ཐེབ་སྦེ་བཏོན་ནི་དང་ ང་བཅས་རའི་གནས་སྟངས་ནང་ལུ་ བཟང་པོའི་སྤྱོད་པ་དང་གཅིག་སྒྲིལ་ ནང་འཁོད་གོ་ཡངས་ཏོག་ཏོ་ ལམ་ལུགས་དང་ལག་ལེན་ཚུ་བརྟན་ཏོག་ཏོ་སྦེ་བཟོ་གེ།

Leave a Reply

Your email address will not be published. Required fields are marked *