2nd FRIENDS Meeting RIM reports

རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ ལྟོ་ཚང་ཞལ་འཛོམས་ཐེངས་གཉིས་པའི་ སྙན་ཞུ།

རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་འདི་གིས་ ད་རེས་ཁམས་ཅིག་ཁརམཛའ་བཤེས་དང་འབྲེལ་བའི་ལས་རིམ་འགོ་འདྲེན་ག་དེ་འབད་རང་འཐབ་ཅི་ག་ཚུ་འོག་ལུ་ བཀོད་ཡོདཔ་ཨིན།

༡་ ལས་རིམ་ནང་ གྲལ་ཁར་གཏོགས་མི་ཚུ་གིས་ ལྟོ་ཚང་ཞལ་འཛོམས་ཐེངས་གཉིས་པའི་ སྙན་ཞུ་འདི་ དབྱིན་ཟླ་༦པའི་དབྱིན་ཚེས་༡༩་ལུ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ བཀོད་ཚོགས་ཀྱི་ཞལ་འཛོམས་ཁང་ནང་ལུ་འབད་ ལས་འགུལ་འཛིན་སྐྱོང་སྡེ་ཚན་ལུ་ སྙན་ཞུ་འཕུལ་ཡོདཔ་ཨིན།

༢་ དབྱིན་ཟླ་༦པའི་ དབྱིན་ཚེས་ ༢༣་ལས་༢༦་ཚུན་ མཛའ་བཤེས་དང་འབྲེལ་བའི་ལས་རིམ་གྱི་དོན་ལུ་ མཁོ་ཆས་ མཁོ་སྒྲུབ་འབད་ནིའི་དོན་ལུ་ ཐིམ་ཕུ་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ ལས་འགུལ་འཐུས་མི་མཉམ་རོགས་ཚུ་དང་ བརྒྱུད་འཕྲིན་/གློག་རིག་ཐོག་ལས་ཞལ་འཛོམ་འགོ་འདྲེན་ཐབ་ཡོདཔ།

༣་ དབྱིན་ཟླ་༦པའི་ དབྱིན་ཚེས་ ༢༥་ལུ་ སབ་ཝེབ་(sub-web) འགོ་འདྲེན་འཐབ་ནིའི་ཞལ་འཛོམས་འདི་ཡང་ ལས་འགུལ་འཛིན་སྐྱོང་པའི་ཡིག་ཚང་ནང་ལུ་འབད་ འཛིན་སྐྱོང་སློབ་སྡེའི་འཕྲིལ་རིག་འགོ་དཔོན་དང་ཀྲར་ཀྱིའི་ ལས་འགུལ་སྡེ་ཚན་ནང་གྲལ་ཁར་གཏོགས་མི་ཚུ་དང་ཅིག་ཁར་ཚོགས་ཡོདཔ་ཨིན།

༤་ དབྱིན་ཟླ་༧པའི་ དབྱིན་ཚེས་ ༡་དང་༢་ལུ་ འཛིན་སྐྱོང་སློབ་སྡེའི་ལས་འགུལ་སྡེ་ཚན་དང་ཀྲར་ཀྱེའི་ ལས་འགུལ་འཐུས་མི་ཚུ་གིས་བར་ན་ ཟིན་བྲིས་ནང་ཡོད་མི་ SWAG གཏན་འཁེལ་བཟོ་ཞིནམ་ལས་ སྦྱོང་བརྡར་པ་དང་སློབ་སྦྱོང་པ་ཚུ་ལུ་བཀྲམ་སྤེལ་འབད་ནིའི་གྲོས་བསྟུན་ཞལ་འཛོམས་འདི་ ལས་འགུལ་འཛིན་སྐྱོང་པའི་ཡིག་ཚང་ནང་ལུ་འབད་ཚོགས་ཡོདཔ་ཨིན།

༥་ མ་འོང་པའི་ལས་རིམ་གྱི་ཐ་དོན་ལུ་དམིགས་ཏེ་ འཛིན་སྐྱོང་སློབ་སྡེའི་ བརྡ་བརྒྱུད་ཀྱི་ཐོག་ལས་ སྦྱོང་བརྡར་པ་དང་སློབ་སྦྱོང་པ་ཚུ་ལུ་ ལས་འགུལ་འཛིན་སྐྱོང་པ་གིས་ དབྱིན་ཟླ་༧པའི་ དབྱིན་ཚེས་ ༣ལུ་ཁྱབ་བསྒྲགས་ཚུ་ཁྱབ་སྤེལ་འབད་ཡོདཔ།

Leave a Reply

Your email address will not be published. Required fields are marked *