Digital storytelling contest (F.R.I.E.N.D.S) at the Royal Institute of Management
རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་གིས་མཉམ་རོགས་ལས་འགུལ་ལས་བརྒྱུད་དེ་སློབ་ཕྲུག་ཚུ་གི་བར་ན་བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་ཐོག་ལས་རང་སོའི་རྒྱལ་སྤྱིའི་ལམ་ལུགས་སྣ་ཚོགས་ཚུ་སྤྱོད་པའི་ཉམས་མྱོང་དང་འདི་ལས་ཐོབ་པའི་ཡོན་ཏན་ཚུ་སྤྱིར་བརྡ་བརྒྱུད་དང་པར་བཏབ་གློག་ཐུང་ཐོག་ལས་སྲུང་བཏང་ནིའི་འགྲན་བསྡུར་འབད་ནི་ཨིན།སྲུང་འདི་ཡང་སྐར་མ་༢དང་༣གི་ནང་འཁོད་བསྡུ་སྒྲིག་འབད་འདི་བཏང་ཚརཝ་འབད་དགོ།
དྲག་ཤོས་གསུམ་འདི་འཐུས་འབད་བཞིནམ་ལས་གཤམ་འཁོད་ཀྱི་ངོས་འཛིན་ཚུ་ཕུལ་ནི་ཨིན།
༡ བུལ་གི་རི་ཡ་ལུ་བདུན་ཕྲག་༨ ཀྱི་སྦྱར་བརྩོན་ནང་བཅའ་མར་བཏོགས་ནི།
༢མཉམ་རོགས་ལས་འགུལ་གི་བཟོ་བསྐྲུན་འབད་དེ་ཡོད་པའི་ག་ལས་རྟགས་ཚགས་རྒྱན(SWAG) ཚུ་གསོལ་རས་གནང་ནི་ཨིན།
ཨིན་དེ་རང་འབད་རུང་འབྲེལ་གཏོགས་འབད་འདོད་ཡོད་མི་ཚུ་གི་གློག་རིག་ཐོག་སྦྱང་བརྩོན་གྱི་ཤེས་ཡོན་(MOOC)ནང་བཅའ་མར་བཏོགས་དགོཔ་ཨིན།
- སྲུང་འདི་དབྱིན་ཟླ་༥ པའི་དབྱིན་ཚེས་༡༥ ལུ་སྤྲོད་དགོཔ་ཨིན།