འབྲུག་ལུ་ ཨཱའི་ཨེ་ཨེཆ་ རྒྱལ་ཡོངས་གྲོས་བསྟུན།
འབྲུག་ལུ་ ལྟོ་ཚང་ལས་འགུལ་གྱི་རྒྱལ་ཡོངས་ གྲོས་བསྟུན་འདི་ ཐིམ་ཕུ་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་དང་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་གཉིས་མཉམ་འབྲེལ་ཐོག་ལས་ དབྱིན་ལོ་༢༠༢༢་དབྱིན་ཟླ་༢པའི་ཚེས་༢༧་ལུ་འགོ་འདྲེན་འཐབ་ཡོདཔ་ཨིན། རྒྱལ་ཡོངས་ གྲོས་བསྟུན་ལས་རིམ་འདི་ནང་ལུ་ ལྟོ་ཚང་ལས་འགུལ་དེའི་ངོ་སྤྲོད་ དེ་ཡང་ལས་འགུལ་གྱི་ དགོས་དོན་དང་དམིགས་གཏད་གཙོ་བོ་ ཐིམ་ཕུ་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་དང་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་བཟུམ་འབད་ མཐོ་རིམ་ཤེས་ཡོན་དང་གཙུག་སྡེའི་ལྕོགས་གྲུབ་ སྒྲིང་སྒྲིང་བཟོ་ནིའི་སྐོར་ལས་གསལ་བཀོད་འབད་ཡོདཔ་ཨིན།
ལས་རིམ་དེའི་སྐབས་སུ་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ལས་འགུལ་མཐུས་མི་ ངོམ་ལས་སྐྱིད་སྒྲོལ་མ་ཏ་མང་དང་ དཀོན་མཆོག་གཉིས་ཀྱི་ སློབ་ཕྲུག་དང་གཙུག་སྡེ་གཉིས་ཆ་རའི་ཁོངས་ལས་ ཨཱའི་ཨེ་ཨེཆ་ཀྱི་སྙིང་སྟོབས་དང་ཁེ་ཕན་ དེ་ལས་ རང་དང་གཙུག་སྡེའི་ཡར་དྲགས་གཏང་འཐབ་ལུ་དམིགས་ཏེ་ ཤེས་ཡོན་ལམ་སྲོལ་འདྲ་མིན་སྣ་ཚོགས་ཀྱི་སྐོར་ལས་ སྤྱན་འབུལ་འཕུལ་ཡི། དེ་ལས་རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ལས་འགུལ་འཐུས་མི་ ངོམ་བསོད་ནམས་ཚེ་དབང་གིས་ཕན་ཚུན་ལམ་སྲོལ་ཁྱབ་སྤེལ་དང་ཡར་འཕེལ་དེ་ལས་མི་སྡེའི་ནང་བཟོད་བསྲན་གྱི་སྐུལ་ཁྱབ་བརྡ་སྤྲོད་ཀྱི་དོན་ཚན་ཐོག་ལས་སྤྱན་འབུལ་འབད་ཡོདཔ་ཨིན། ལས་རིམ་བཞི་པའི་ནང་ ཨེཆ་ཨི་ཨཱི་ཨེས་དང་ཤེས་རིག་ལྷན་ཁག་ དེ་ལས་འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་འཐུས་མི་ཚུ་དང་དྲི་བ་དྲི་ལན་དམིགས་གཏད་ཀྱིས་ལས་རིམ་འགོ་འདྲེན་འཐབ་ཡོདཔ་ཨིན། གྲོས་བསྟུན་ལས་རིམ་འདི་ཡང་ འཐུས་མི་ཚུ་གིས་རྒྱལ་ཡོངས་གྲོས་བསྟུན་ལས་རིམ་འདི་ ཁེ་ཕན་ག་དེ་འབད་འདུག་ག་དེའི་སྐོར་ལས་འབྲི་ཤོག་བཀང་ཐོག་ལས་ རྒྱལ་ཡོངས་གྲོས་བསྟུན་ལས་རིམ་ནང་བཅལ་མར་གཏོགས་མི་སྐུ་མགྲོན་ཡོངས་ལུ་ཁོང་རའི་ཕྱག་ལཱ་ག་དེ་ཅིག་ཡོད་དེ་འབད་རུང་ དུས་ཚོད་ལོག་སུ་འབད་བསྟོན་ཏེ་ ལས་རིམ་ནང་བཅའ་མར་གཏོགས་གནང་མི་འདི་ལུ་བཀྲིན་དགའ་ཚོར་བསམ་གྱིས་མི་ཁྱབ་པར་འཕུལ་མི་དང་འབྲལ་ ལས་རིམ་འདི་མཇུག་བསྡུ་ཡོདཔ་ཨིན།






