Coming soon.

དམིགས་ཡུལ།

ལྟོ་ཚང་ལས་འགུལ་གྱི་དམིགས་ཡུལ་འདི་ འབྲུག་དང་ ཀེམ་བྷོ་དྲི་ཡ་ མ་ལ་ཤི་ཡ་ ཕི་ལིཕ་པིནསི་ ཐའི་ལནྡ་རྒྱལ་ཁབ་ཚུ་གི་ཆེས་མཐོའི་ཤེས་ཡོན་འདི་ 
འཛམ་གླིང་རྒྱལ་སྤྱིའི་མཐུན་འབྲེལ་ནང་ལྕོགས་གྲུབ་ཅན་ཅིག་བཟོ་ནི་ཅིག་དང་ མཉམ་རོགས་རྒྱལ་ཁབ་ཚུ་ནང་ཕན་ཚུན་ལམ་སྲོལ་ཐོག་ལས་ ལུགས་མཐུན་
དང་ལུགས་མཐུན་མིན་པའི་སློབ་སྦྱོང་བྱིན་ཏེ་ སློབ་ཕྲུག་ཚུ་གི་རྒྱལ་སྤྱིའི་གནས་ཚད་ནང་ལུ་ལྕོགས་གྲུབ་ཅན་བཟོ་ནི་ཅིག་ཨིན།

དམིགས་ཡུལ་འདི་བསྒྲུབ་ནིའི་དོན་ལས་ བལ་ག་རི་ཡ་དང་ ཧང་ག་རི་ པོ་ལནྡ་ ཏུར་ཀི་གི་ལ་སོགས་པའི་ཡུ་རོ་པེན་གྱི་ཆེས་མཐོའི་ཤེས་ཡོན་དང་ མཉམ་རོགས་རྒྱལ་ཁབ་ཀྱི་ཆེས་མཐོའི་སྤེལ་ཁང་༡༢ ཀྱི་ལས་རིམ་ཚུ་གིས་ གཤམ་བཀོད་ཀྱི་དམིགས་ཡུལ་ལྔཔོ་འདི་ལུ་ཕན་ཐོགས་པའི་ལས་སྣ་ཚུ་བསྒྲུབ་ནི་ནང་བཅའ་མར་གཏོགས་ནི་ཨིན། 

༡ དེ་ཡང་ མཉམ་རོགས་ཚུ་གི་བར་ན་ འཛམ་གླིང་རྒྱལ་སྤྱིའི་ཆེས་མཐོའི་ཤེས་ཡོན་གྱི་ལས་རིམ་བཟོ་ནི་དང་། འཛམ་གླིང་རྒྱལ་སྤྱིའི་གཅིག་སྒྲིལ་གྱི་གནས་ཚད་ངོས་འཛིན་འབད་ནི་དང་ ལམ་སྲོལ་ཚུ་ ལུགས་མཐུན་དང་ལུགས་མིན་གྱི་ཐོག་ལས་ཆེས་མཐོའི་ཤེས་ཡོན་ཚུ་ མཉམ་རོགས་རྒྱལ་ཁབ་ཚུ་ནང་སྤྱི་ལོ་༢༠༡༩ འི་སྤྱི་ཟླ་༤པའི་ནང་བཙུགས་ཚུགསཔ་བཟོ་ནི་ཨིན།

༢ འཛམ་གླིང་རྒྱལ་སྤྱི་གཅིག་སྒྲིལ་བཟོ་ནིའི་ཆེད་དུ་ མཉམ་རོགས་ཆེས་མཐོའི་སྤེལ་ཁང་ཚུ་ལྕོགས་གྲུབ་ཅན་བཟོ་ནིའི་དོན་ལུ་ ལས་བྱེདཔ་ཚུ་ལུ་སྦྱོང་བརྡར་བྱིན་ནི་དང་ སྐད་སྒྱུར་གྱི་ཐོག་ལས་ རང་གི་ཁྱིམ་ནང་ལས་ར་ གོ་བརྡ་སྤེལ་ཚུགསཔ་བཟོ་ནི་འདི་ཨིན། དེ་ཡང་སྤྱི་ལོ་༢༠༡༩འི་སྤྱི་ཟླ་༡༡པའི་ནང་ འགོ་བཙུག་འབད་ནིའི་འཆར་གཞི་ཨིན།

༣ ཕན་ཚུན་ལམ་སྲོལ་གྱི་ཤེས་ཡོན་དང་ རུང་མི་རུང་གི་གནད་འགག་ཚུ་ ཤེས་བཅུག་ནིའི་ཆེད་དུ་ ལུགས་མཐུན་གྱི་སྦྱོང་ཚན་ཐོག་ལས་ ཕན་ཚུན་ལམ་སྲོལ་གྱི་ ངོ་སྤྲོད་ལས་རིམ་ཅིག་ སྤྱི་ལོ་༢༠༢༠འི་སྤྱི་ཚེས་༧ གྱི་ནང་འཁོད་ཚུདཔ་བཟོ་ནི་ཨིན།

༤ སྤྱི་ལོ་༢༠༢༡ གི་ནང་འཁོད་ར་ མཉམ་རོགས་རྒྱལ་ཁབ་ཀྱི་འཛམ་གླིང་རྒྱལ་སྤྱིའི་མཐུན་འབྲེལ་ཡིག་ཚང་ཚུ་ སྲོལ་སྣའི་འབྲེལ་འཐབ་ཡིག་ཚུ་ལུ་བསྒྱུར་བཅོས་འབད་ནིའི་དོན་ལུ་ མཉམ་རོགས་སྤྲོ་ཁང་བཟོ་ནི་དང་ འཛམ་གླིང་རྒྱལ་སྤྱིའི་སློབ་ཕྲུག་བདག་འཛིན་གྱི་དོན་ལུ་ རང་གི་ས་གནས་ནང་ལས་ར་ ངོ་སྤྲོད་ཀྱི་སྦྱོང་བརྡར་ཚུ་འཐོབ་ཚུགསཔ་བཟོ་ནི་ཨིན།

༥ སློབ་ཕྲུག་ཚུ་གིས་རྒྱལ་ཡོངས་ཀྱི་ཤེས་ཡོན་ལྕོགས་གྲུབ་གོང་འཕེལ་གྱི་དོན་ལུ་ མཉམ་རོགས་རྒྱལ་ཁབ་ག་རའི་ནང་ རང་གི་ས་གནས་ནང་ལས་ སྤེལ་ཁང་གཞན་གྱི་ནང་ལུ་ སྤྱི་ལོ་༢༠༢༡ གི་སྤྱི་ཟླ་༡༡པའི་ནང་འཁོད་ སློབ་སྦྱོང་འབད་ཚུགསཔ་བཟོ་ནི་འདི་ཨིན་པས།

དམིགས་ཡུལ་གཙོ་བོ་ལྔཔོ་འདི།

༡ ལམ་སྲོལ་སྦྱོང་ཚན་དང་མཉམ་རོགས་སྤྲོ་ཁང་ལས་ མཉམ་རོགས་རྒྱལ་ཁབ་ཀྱི་ཆེས་མཐོའི་ཤེས་ཡོན་གྱི་སློབ་ཕྲུག་ག་ར་ལུ་ ཕན་ཐོགས་འབྱུང་འབྱུང་བཅུག་ནི་དང་ ལྷག་པར་དུ་ འཛམ་གླིང་རྒྱལ་སྤྱིའི་ཆེས་མཐོ་ཤེས་ཡོན་གྱི་མཉམ་རོགས་དང་རིག་པ་ཅན་གྱི་སློབ་ཕྲུག་ཚུ་ལུ་ དམིགས་ཡུལ་བསྐྱེད་མིའི་རྒྱབ་སྐྱོར་འཐོབ་ནི་དང་རང་གཞན་གཉིས་ཀྱི་ལས་འགུལ་ལས་ཆ་རོགས་འཐོབ་ནི་འདི་ཨིན། 

༢ མཉམ་རོགས་རྒྱལ་ཁབ་ཀྱི་ཆེས་མཐོའི་སྤེལ་ཁང་གི་འཛམ་གླིང་རྒྱལ་སྤྱིའི་མཐུན་འབྲེལ་ཡིག་ཚང་གི་ལས་བྱེདཔ་དང་ སློབ་དཔོན་ འཛིན་སྐྱོངཔ་གོངམ་ཚུ་ལུ་ རང་གི་སྡོད་གནས་ལས་འབད་ར་ ལག་ལེན་གྱི་ཤེས་ཡོན་དང་སྤྱིར་གཏང་ཕན་ཚུན་ལམ་སྲོལ་གྱི་སྐོར་ལས་ཧ་གོ་ཚུགསཔ་བཟོ་ནི་འདི་ཨིན།